བོད་ཀྱི་སྐད་ཡིག་ཞིབ་འཇུག

藏语文研究

Tibetan Language and Linguistics

Journal Launch Announcement

Academic Journal for Tibetan Language Studies

Published by Nankai University & University of Oregon

Submission Deadline (Inaugural Issue): September 1, 2025
གསལ་བསྒྲགས། དུས་ཚོད་འདས་ཟིན་རྗེས་ཀྱང་རྩོམ་ཡིག་སྙོར་འབུལ་ཇི་བཞིན་བྱེད་ཆོག
Announcement Date: May 5, 2025

About the Journal

Scope

བོད་ཀྱི་སྐད་ཡིག་ཞིབ་འཇུག་ཅེས་པའི་དུས་དེབ་འདིའི་སྟེང་ལ། བོད་ཡིག་དང་། རྒྱ་ཡིག དབྱིན་ཡིག་སོགས་སྐད་རིགས་སྣ་ཚོགས་ཀྱིས་བྲིས་པའི་བོད་ཀྱི་སྐད་ཡིག་དང་འབྲེལ་བའི་རིག་གཞུང་དཔད་འབྲས་དགོད་འཆར་ཡོད།

Research Topics

བོད་ཀྱི་སྐད་རིགས་སྣ་ཚོགས་དང་ཡུལ་སྐད་འདྲ་མིན་གྱི་སྐད་སྒྲ་དང་། སྒྲ་ཁམས། ཡི་གེའི་སྐད། བརྡ་སྤྲོད། ལོ་རྒྱུས། ཡིག་ཚང་སོགས་སྐད་བརྡ་རིག་པ་དང་འབྲེལ་བའི་དཔད་འབྲས་སྣ་ཚོགས།

Affiliated Institutions

Nankai University

ནན་ཁའེ་སློབ་ཆེན་

University of Oregon

ཨོ་རེ་གོན་སློབ་ཆེན་

Editorial Office: ནན་ཁའེ་སློབ་ཆེན་གྱི་བོད་རྒྱ་སྐད་རིགས་ཞིབ་འཇུག་ལྟེ་གནས་

Review Process

  • དཔད་རྩོམ་དག་ཕན་ཚུན་ཕྱོགས་གཉིས་ལ་གསང་བའི་སྒོ་ནས་དཔད་བཤེར་
  • རྩོམ་སྒྲིག་པ་དག་ནི་སྐད་བརྡ་རིག་པ་ལ་ཆེད་དུ་དོན་གཉེར་བྱེད་མཁན་
  • རྩོམ་ཡིག་ལ་ཤོག་ངོས་བརྒྱ་ཡོན་གང་ཡང་སྐད་མི་དགོས་
  • དཔད་རྩོམ་སྤེལ་གྲུབ་རྗེས་རྩོམ་ཡོན་གྱི་དོན་དུ་རྩོམ་པ་པོ་སྐྱེར་ལ་འདོན་ཐེངས་གང་དེའི་དེབ་ཕྱོད་སྦྱིན་སྲེས་དཔལ་འབུལ་

Call for Papers

བོད་ཀྱི་སྐད་ཡིག་ཞིབ་འཇུག་གི་ཕྱོག་ལས་གནང་བཞིན་པའི་ཆེད་མཁས་རྣམ་པའི་སྙན་ལམ་དུ་ཞུ་དོན།

དེ་ཡང་བོད་ཀྱི་སྐད་དང་ཡི་གེའི་སྐོར་ལ་ཕྱོག་ལས་གནང་མཁན་ཀུན་གྱིས་ཕན་ཚུན་གྲོགས་འདེགས་བྱས་པའི་བཀའ་དྲིན་ལས། སྤྱི་ལོ་༢༠༡༦ ལོར་ཐེན་ཅིན་གོང་ཁྱེར་ནན་ཁའེ་སློབ་གྲྭ་ཆེན་མོ་ནས་བོད་ཀྱི་སྐད་ཡིག་བགོ་གླེང་ཚོགས་འདུ་སྐབས་དང་པོ་ཚོགས་ཐུབ་པར་བརྟེན་ནས། ད་ལྟའི་བར་རིམ་བཞིན་སྐབས་དྲུག་སོང་ཚོགས་བྱས་ཡོད།

དེ་ནས་སྤྱི་ལོ་༢༠༡༧ ལོའི་སྐབས་གཉིས་པའི་བགོ་གླེང་ཚོགས་འདུའི་སྟེང་དུ། ཚོགས་བཅར་ཆེད་མཁས་རྣམས་ནས་བསམ་ཞིབ་གོ་བསྡུར་ཐོག བོད་ཀྱི་སྐད་ཡིག་ཞིབ་འཇུག (藏语文研究 / Tibetan Language and Linguistics) ཅེས་པའི་རིག་གཞུང་དུས་དེབ་གསར་འདོན་བྱ་རྒྱུ་གཏན་འཁེལ་བྱ་ལུགས། ང་ཚོས་ལོ་འགའི་རིང་ལ་གྲ་སྒྲིག་ལེགས་པར་བྱས་མཐར། ད་རེས་དུས་དེབ་འདི་གསར་འདོན་གྱི་ལས་ཀ་འགོ་ཚུགས་པས་ན། ཡུལ་ཕྱོགས་གང་སར་བཞུགས་པའི་ཆེད་མཁས་རྣམས་ནས་རིག་གཞུང་ཕྱོག་རྩོམ་རྗེ་བསྐུལ་གནང་མཛད་རོགས་ཞེས་ཞུ་རྒྱུ་ཡིན།

དུས་དེབ་ཀྱི་ཁྱབ་ཁོངས།

བོད་ཀྱི་སྐད་ཡིག་ཞིབ་འཇུག་ཅེས་པའི་དུས་དེབ་འདིའི་སྟེང་ལ། བོད་ཡིག་དང་། རྒྱ་ཡིག དབྱིན་ཡིག་སོགས་སྐད་རིགས་སྣ་ཚོགས་ཀྱིས་བྲིས་པའི་བོད་ཀྱི་སྐད་ཡིག་དང་འབྲེལ་བའི་རིག་གཞུང་དཔད་འབྲས་དགོད་འཆར་ཡོད་ཅིང་། ཤོག་དཔར་དང་གློག་དཔར་ཟུང་འབྲེལ་གྱིས་འགྲེམ་སྤེལ་བྱ་རྒྱུས་ཡིན། ནང་དོན་གྱི་ཐད་ནས། བོད་ཀྱི་སྐད་རིགས་སྣ་ཚོགས་དང་ཡུལ་སྐད་འདྲ་མིན་གྱི་སྐད་སྒྲ་དང་། སྒྲ་ཁམས། ཡི་གེའི་སྐད། བརྡ་སྤྲོད། ལོ་རྒྱུས། ཡིག་ཚང་སོགས་སྐད་བརྡ་རིག་པ་དང་འབྲེལ་བའི་དཔད་འབྲས་སྣ་ཚོགས་དང་། བོད་ཀྱི་སྐད་ཡིག་དང་འབྲེལ་བའི་སྒྱུར་རྩོམ། དཔད་གླེང་སོགས་ཀྱང་བསྡུར་བར་དགའ་བསུ་ཞུ།

རྩོམ་སྒྲིག་ལན་ཚོགས།

དུས་དེབ་འདིའི་རྩོམ་སྒྲིག་ལན་ཚོགས་ལ་འཛམ་གླིང་ཡུལ་གྲུ་གང་སར་བཞུགས་པའི་བོད་སྐད་ཡིག་སྐོར་གྱི་ཆེད་མཁས་དང་། བོད་དང་འབར་མའི་སྐད་སྡེ་དང་བོད་རྒྱ་སྐད་རིགས་སྐོར་གྱི་གནད་ཡོད་ཆེད་མཁས་ཁག་ཅིག་གདན་འདྲེན་ཞུ་རྒྱུ་ཡིན། དཔད་རྩོམ་དག་ཕན་ཚུན་ཕྱོགས་གཉིས་ལ་གསང་བའི་སྒོ་ནས་དཔད་བཤེར་བྱ་རྒྱུ་ཡིན་ལ། རྩོམ་སྒྲིག་པ་དག་ནི་སྐད་བརྡ་རིག་པ་ལ་ཆེད་དུ་དོན་གཉེར་བྱེད་མཁན་འབའ་ཞིག་ཡིན། རྩོམ་ཡིག་ལ་ཤོག་ངོས་བརྒྱ་ཡོན་གང་ཡང་སྐད་མི་དགོས་ཤིང་། དཔད་རྩོམ་སྤེལ་གྲུབ་རྗེས་རྩོམ་ཡོན་གྱི་དོན་དུ་རྩོམ་པ་པོ་སྐྱེར་ལ་འདོན་ཐེངས་གང་དེའི་དེབ་ཕྱོད་སྦྱིན་སྲེས་དཔལ་འབུལ་བར་བའོ།།

ལས་ཁུངས།

དུས་དེབ་འདིའི་རྩོམ་སྒྲིག་ལས་དོན་ནི་ནན་ཁའེ་སློབ་ཆེན་དང་ཨོ་རེ་གོན་སློབ་ཆེན་གཉིས་ཀྱི་སྐད་བརྡ་རིག་པའི་ཆེད་མཁས་པ་ཁག་གཅིག་ཡིན་ཞིང་། རྩོམ་སྒྲིག་ཁང་ནི་ནན་ཁའེ་སློབ་ཆེན་གྱི་བོད་རྒྱ་སྐད་རིགས་ཞིབ་འཇུག་ལྟེ་གནས་སུ་འཛུགས་རྒྱུ་ཡིན། ནན་ཁའེ་སློབ་ཆེན་ནི་རྒྱ་ནག་གི་ནང་སྙན་གྲགས་ཅན་གྱི་གཙུག་ལག་སློབ་ཆེན་རྩེ་གྲུ་ཞིག་ཡིན་པ་མ་ཟད། བོད་རྒྱ་སྐད་རིགས་དང་། གངས་རིས་ཉུང་མི་རིགས་ཀྱི་སྐད་ཡིག་ཞིབ་འཇུག་ཐད་ཀུན་གྱིས་མཐོང་ཆེན་དུ་འཛིན་པ་ཞིག་ཡིན།

བོད་ཡིག་གི་སྤྱོད་པ།

དུས་དེབ་འདིས་བོད་ཡིག་གི་ཐོག་ནས་སྐད་བརྡ་རིག་པའི་དཔད་རྩོམ་འབྲི་བ་དང་སྤྲོག་སྤེལ་བྱེད་པ་ལ་སྙན་མ་གཏོང་རྒྱུ་དང་། རྒྱ་ཡིག་གི་ཐོག་ནས་སྤེལ་ཟིན་པའི་རྩོམ་ཡིག་ཚད་ཐུབ་དག་སྙོར་ཡང་བོད་ཡིག་གི་ལམ་ནས་དུས་དེབ་འདིར་བསྡུར་བར་ཡང་དགའ་བསུ་ཞུ།

གལ་གནད།

ད་ལྟའི་ཆར། བོད་ཀྱི་སྐད་ཡིག་ཞིབ་འཇུག་དམིགས་སུ་བཟུང་བའི་སྐད་བརྡ་རིག་པའི་དུས་དེབ་གང་ཡང་མེད་ཕྱིར། བོད་ཀྱི་སྐད་ཡིག་ཞིབ་འཇུག་ཅེས་པའི་དུས་དེབ་འདི་གསར་དུ་འདོན་པ་ལ་དོན་སྙིང་ཤིན་ཏུ་ཆེ་བས། འཛམ་གླིང་ཡུལ་གྲུ་གང་སར་བཞུགས་པའི་ཆེད་མཁས་རྣམས་ནས་རབ་སྐྱོར་མི་དམན་པ་གནང་རོགས་ཞེས་ཞུ་རྒྱུ་དང་། དུས་དེབ་འདིའི་ཐོག་མའི་འདོན་ཐེངས་ཀྱི་རྩོམ་ཡིག་སྙོར་བའི་དུས་བཅད་ནི་སྤྱི་ལོ་༢༠༢༥ལོའི་ཟླ་༩པའི་ཚེས་༡ཉིན་ཡིན། སྙོ་ཉིད་ནས་དུས་ལུར་ཕྱོག་རྩོམ་རྗེ་བསྐུལ་བའི་རེ་འདུན་ཤིན་ཏུ་ཆེ།

Submission Guidelines

Submission Email

གསར་འགོད་ལ་"h"ཡོད་པ་གལ་ཆེ།

File Format Requirements

  • Microsoft Word དང་ PDF གཉིས་ཀ་དགོས།
  • བོད་རྒྱ་དབྱིན་གསུམ་གྱི་ལམ་ནས་བྱས་པའི་ནང་དོན་གནད་བསྡུས།
  • བོད་ཡིག་དང་རྒྱ་ཡིག་ཡིག་གངས་སུམ་བརྒྱ་ཡིན་པ། དབྱིན་ཡིག་ཐ་སྙད་ཉིས་བརྒྱ་ཡིན་པ།
  • སྙོ་ཉིད་ཀྱི་མཚན་དང་ཕྱོག་ལས་གནང་ཡུལ་སོགས་ངོ་སྤྲོད་ཐུང་ངུ་ཞིག་མཁོ་སྤྲོད་གནང་དགོས།

Important Dates

Inaugural Issue Deadline: September 1, 2025

Formatting Guidelines

དཔད་རྩོམ་གྱི་པང་བསྟར་གཞན་རྣམས་ཟུར་བཀོད་ལ་འཁོད། དཔད་རྩོམ་གྱི་པང་བསྟར་གསལ་བཤད་ནང་རྩོམ་སྒྲིག་བང་བཀོད་ཀྱི་མཆན་དང་མཐུན་པར་བ་དགོས།

Contact Us

Editorial Office

ནན་ཁའེ་སློབ་ཆེན་གྱི་བོད་རྒྱ་སྐད་རིགས་ཞིབ་འཇུག་ལྟེ་གནས་

Partner Institutions

Nankai University (ནན་ཁའེ་སློབ་ཆེན་)

University of Oregon (ཨོ་རེ་གོན་སློབ་ཆེན་)

ཞེས་ཀུན་གྱི་སྙན་ལམ་དུ་འབུལ་བ་དང་ཆབས་ཅིག ཁྱེད་ཅག་གྱི་སྐུ་གཟུགས་བདེ་ཞིང་བྱ་གཞག་ཐམས་ཅད་གེགས་མེད་ལྷུན་གྱིས་འགྲུབ་པར་ཤོག །སརྨངྒལཾ། །

བོད་ཀྱི་སྐད་ཡིག་ཞིབ་འཇུག དུས་དེབ་སྔ་གོན་ལན་ཚོགས་ནས།

སྤྱི་ལོ་ ༢༠༢༥ ལོའི་ཟླ་ ༥ པའི་ཚེས་ ༥ ལ་གྲུས་ཕུལ།